གངས་རི་ཀརྨས་ཕྱི་ལོ༢༠༠༡་ལོ་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ལ་སྙིང་རྗེ་ཀུན་ཁྱབ་གླིང་ཞེས་ཆོས་ཚོགས་གཙུགས་ནས་ད་ལྟ་བར་ལོ་ངོ་བཅུ་བཞིའི་རིང་རྒྱ་གར་དང་བོད་དུ་ཉམས་ཐག་མང་པོ་ལ་རོགས་རང་ཅི་ཐུབ་ཞུ་མུ་ཡིན།   ཕྱི་ལོ་༢༠༡༡་ལོ་བོད་དུ་མཚོ་ཐོག་ནས་རོགས་རང་བཏང་བའི་སྡེ་ཚན་ཞིག་ཡིན། 

རོགས་རང་འདི་གཏོང་དུས་ཁྱིམ་ཚང་འགའ་ཞིག་བཟའ་མི་བུ་ཕྲུག་ཚང་མས་ཞབས་འདེབས་ཕུལ་བ་དང་རང་ཉིད་སྐུ་དངོས་སུ་ཕེབས་ནས་ལས་དོན་བསྒྲུབས་པ་སོགས་མ་བསྐུལ་དང་ལང་གིས་འགན་འཁུར་གནང་སོང་བས་སྨར་ཚང་བཀའ་བརྒྱུད་ལས་ཀྱི་སྣེ་མོ་བ་ཡོངས་ནས་ཐུགས་རྗེ་ཆེན་ཞུས་ཀྱི་ཡོད།  ད་དུང་ཀུན་སློང་བཟང་པོ་ཐོག་ནས་མུ་མཐུད་སྤྱི་ཚོགས་ཞབས་ཞུ་བསྒྲུབ་ཐུབ་པའི་རེ་བསྐུལ་དང་སྨོན་འདུན་ཞུས་པ་ལགས།