གྲུབ་ཆེན་གཤའ་པ་ཤེས་རབ་གྲགས་པ་ནི་ཕྱི་༡༡༧༡ ལྕགས་ཡོས་ལོ་སྨར་ཁམས་རུ་ཤོད་ཞིང་པ་ཐང་དུ་ཡབ་འདབ་ཆགས་ཟུང་ཐར་དང་ཡུམ་བུ་ཀིར་ཟ་གཉིས་ལས་སྐུ་འཁྲུངས། ཡབ་ཀྱིས་སངས་རྒྱས་གྲགས་པ་ཞེས་མཚན་གསོལ། 

དགུང་ལོ་བཅུ་བཞི་ནས་ཉི་ཤུའི་བར་བསྐྱེད་རྫོགགས་ཉམས་ལེན་གྱི་སྒོམ་སྒྲུབ་མཛད། བླ་མ་སྟག་སྒོམ་གྱིས་ལུང་བསྟན་པ་ལྟར་ཆོས་རྗེ་སྨར་པ་རིན་པོ་ཆེའི་ཞབས་ལ་གཏུགས་ནས་སྨར་ཚང་ཕྱག་ཆེན་གྱི་གདམས་ངག་གསན། སྟོན་ཚུལ་ལས་རབ་ཏུ་བྱུང་བའི་མཚན་ཤེས་རབ་གྲགས་པ་ཞེས་གསོལ། སྨར་ཁམས་རུ་ཤོད་གཤའ་ན་རི་ལ་ལོ་ཉི་ཤུའི་བར་སྒོམ་སྒྲུབ་མཛད་པས་ཕྱག་ཆེན་གྱི་ལྟ་བ་རྟོགས།   གྲུབ་ཆེན་གཤའ་པ་ཞེས་སུ་འབོད། ཆོས་རྗེ་སྨར་པས་འོ་སྐོལ་སྐྱེ་བ་ལྔ་བརྒྱའི་དཔོན་སློབ་ཀྱི་འབྲེལ་བ་ཡོད། ཁྱེད་ཀྱི་སློབ་མ་གྲགས་ཆེན་ལྔ་བྱོན་པའི་ནང་ནས་གསུམ་པཎྜི་ཏ་དང་གཉིས་རྣལ་འབྱོར་པ་འོང་།  ཁྱེད་ཀྱི་བུ་སློབ་དང་ཡང་སློབ་ཀྱིས་བསྟན་པའི་བརྒྱུད་པ་བར་མ་ཆད་པར་བསྐྱང་བའི་དུས་འོང་ཞེས་ལུང་བསྟན། ཕྱི་ལོ་༡༢༢༧་ལོ་དགུང་ལོ་ལྔ་བཅུ་ང་བདུན་ལ་བདེ་བར་གཤེགས།   རྒྱལ་སྤྱི་ལོ་རྒྱུས་ཁྲིམས་ལུགས་ལྟར་ལོ་རྒྱུས་འདི་ཁྲིམས་ལུགས་དེབ་སྐྱེལ་བྱས་པའི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་ཆོག་མཆན་མེད་པར་གང་འབྱུང་ཕབ་བཤུ་དང་ཡིག་རྐུ་བྱས་ཚེ་ཁྲིམས་ལུགས་ལག་སྟར་བྱ་རྒྱུ་ཡིན།