སྨར་ཚང་གི་གདན་ས་ཙོམ་མདོ་གནས་གསར་དགོན་གྱི་མཁན་པོ་མཁྱེན་རབ་དབང་ཕྱུག་གིས་ཙོམ་མདོ་གནས་གསར་དགོན་གྱི་ཁྲི་པའི་ཐུགས་འགན་བཞེས།

ཆོས་རྗེ་བྱང་ཆུབ་སེངྒེ་མཆོག་ཙོམ་མདོ་གནས་གསར་དགོན་དུ་གདན་དྲངས་ནས་ཁྲི་སྟོན་གྱིས་མཛད་སྒོ་ཚོགས་དུས་དགེ་འདུན་སྟོང་ཕྲག་མང་པོ་འདུས་པ་ལ།  

ཆོས་་རྗེ་བྱང་ཆུབ་སེངྒེ་མཆོག་གིས་རྩ་རླུང་འཕྲུལ་འཁོར་དང་ཆོས་དྲུག་གི་གཏུམ་མོ་ཉམས་ཁྲིད་སོགས་ཆོས་ཚུལ་མང་པོ་ཞུས་པར་ཟབ་རྒྱས་གསུངས་ཏེ།  གདན་ས་ཤོ་དགོན་དུ་ཕེབས་པར་མཛད།