སྨར་ཚང་བཀའ་བརྒྱུད་ཀྱིས་དབྱིན་ཇི་དང་ཐེ་ཝན་ལ་ལོ་རྟག་ཆོས་ཕྱོགས་ཀྱི་བྱེད་སྒོ་གཏན་ཁེལ་བའི་རིགས་རྣམས་བཤམ་དུ་ངོ་སྤྲོད་མདོར་བསྡུས་ཞུ་ཡོད་པས་གཟིགས་རོགས། གལ་ཏེ་དོག་འདྲི་དགོས་ངེས་མཐོང་ཚེ་ཁ་བྱང་ཐོག་འབྲེལ་གཏུགས་གནང་རོགས། །

 

དབྱིན་ཇིའི་སྨར་ཚང་བཀའ་བརྒྱུད།

དབྱིན་ཇི་ལ་སྨར་ཚང་བཀའ་བརྒྱུད་ཀྱི་བཟའ་མིག་དམར་དང་། སྤེན་པ་གཉིས་ལ་སྨར་ཚང་ལམ་རིམ་སློབ་ཚན་འཆད་ཁྲིད་བྱ་རྒྱུ་ཡོད། སློབ་ཚན་གསར་པ་འཁྲིད་རྒྱུའི་འདོད་པ་ཡོད་ན། སྨར་ཚང་ལས་ཁུངས་ལ་འབྲེལ་གཏུགས་གནང་རོགས།  ལོ་རྟག་སངས་རྒྱས་སྨན་བླ་དང་། སྒྲོལ་མའི་དབང་དང་སྒྲུབ་ཐབས་འཆད་ཁྲི་བྱ་རྒྱུ་ཡོད། ཟླ་བ་རེ་ལ་སྒྲོལ་ཆོ་དང་། སྨན་བླའི་སྒྲུབ་མཆོད་ཡོད། ལོ་རྟག་ཟླ་༡༡་ཚེས་༢་ནང་ཆོས་རྗེ་སྨར་པ་རིན་པོ་ཆེ་དགོངས་རྫོགས་ཀྱི་བླ་མཆོད་པ་ཕུལ་གྱི་ཡོད།  དུས་ཆེན་དེ་སྨར་ཚང་བཀའ་བརྒྱུད་ཀྱིས་རིན་མེད་ཀྱི་ཞལ་ལག་ཕུལ་བ་དང་། སྦྱིན་པ་གཏོང་བ་སོགས་བྱ་རྒྱུ་ཡོད།

 

 ཐེ་ཝན་སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་ཚོགས། 

ཐེ་ཝན་སྨར་ཚང་བཀའ་བརྒྱུད་ཀྱི་བདུན་ཕྲག་རེ་སྒྲོལ་ཆོག་དུས་རེ་ཚོགས་ཀྱི་ཡོད།  ལོ་རྟག་ཕྱི་ཟླ་༨་པ་ལ་བར་ཆད་བཟླག་སྒྲུབ་ཀྱི་མཆོས་སྤྲིན་རྒྱས་པ་ཞིག་ཞུས་ཀྱིན་ཡོད།  ཟླ་༡༡་ཚེས་༢་ཆོས་རྗེ་སྨར་པ་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་དུས་དྲན་བླ་མ་མཆོད་པའི་སྒྲུབ་མཆོད་རྒྱས་པ་ཞིག་བཤམ་པའི་ཉིན་དེ་སྐུ་མགྲོན་ཡོངས་ལ་རིན་མེད་ཞལ་ལག་རྒྱས་སྤྲོས་ཕུལ་རྒྱུ་ཡོད་པས། ཐེ་ཝན་གནས་སྡོད་བོད་རིགས་སྤུན་ཟླ་རྣམས་ཕེབས་པ་དགའ་བསུ་ཞུས་ཀྱིན་ཡོད།  ཟླ་བ་༡་དང་༢་གང་རུང་ལ་རྒྱ་རིགས་ལོ་གསར་ཉིན་མོར་ལོ་གསར་པ་དགའ་བསུ་དང་བར་ཆད་བཟློག་སྒྲུབ་ཀྱི་རིམ་གྲོ་རྒྱས་སྤྲོས་གནང་གི་ཡོད་སྟབས།  ཐེ་ཝན་གནས་སྡོད་བོད་རིགས་སྤུན་ཟླ་རྣམས་དུས་ཐོག་སྨར་ཚང་ཆོས་ཚོགས་ལ་ཕེབས་པར་དགའ་བསུ་དང་འབྲེལ་གཉེན་ལེན་ཞུ་རྒྱུ་གྲལ་སྒྲིག་ཡོད།           

                                སྨར་ཚང་བཀའ་བརྒྱུད་ཆོས་ཚོགས་ལ་ཕེབས་པར་དགའ་བསུ་ཞུ། །