སྨར་ཁམས་ཀྱི་ཡུལ་དུ་རི་བོ་དགེ་ལུགས་པའི་དགོན་སྡེ་ཆེ་ཆུང་མང་པོ་ཡོད་པའི་ནང་ནས་འདི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རི་བོ་དགེ་ལུགས་པའི་ཆོས་འབྱུང་བེ་སེར་ནང་དུ་འཁོད་པ་ལྟར་མིང་ཐོ་ཙམ་བཀོད་པ་ལས་ལོ་རྒྱུས་ཇི་བཞིན་བརྗོད་པ་ལ་དགོན་སྡེ་སོ་སོའི་དགེ་བཤེས་དང་མཁས་པའི་བགྲོ་གླེང་ལྷུན་པོ་བྱས་ནས་བྲིས་དགོས་ངེས་ཡིན་པ་ལས།

རང་སྣང་གང་ཤར་དང་རྣ་ཐོས། ངག་སྒྲུང་སོགས་ལ་གཞི་བཅོལ་ནས་འབྲི་ན་དགོན་སྡེ་དེ་དག་ལ་ཕན་ལས་གནོད་ཆེ་བ་མཐོང་བས། ད་བར་ཞིབ་ཕྲ་བཀོད་དགའ་བའི་གནས་སུ་གྱུར་ཀྱང་། མ་འོངས་པ་འབད་བརྩོན་ཐུབ་པའི་རེ་བ་ཡོད།  དཔལ་ལྡན་ཀླུ་ར་དགོན་པ། ཕ་ར་དགོན་པ། གྲྭ་སྨད་དགོན་པ། གོ་བོ་དགོན་པ། ལྷུན་འགྲུབ་དགོན་པ། ཁུ་བྱུག་དགོན་པ། གསེར་མགོ་དགོན་པ། དགོན་གསར་དགོན་པ། གུ་གུར་དགོན་པ། ཕར་གསེར་དགོན་པ། ནོར་བུ་གླིང་དགོན་པ། པར་ར་དགོན་པ། ཟེའུ་འབྲུ་དགོན་པ།  མཁན་པ་ལུང་དགོན། རི་འབུར་དགོན་པ།  སྐྱ་ན་མུ་ཏིག་དགོན་པ། ལ་བ་དགོན་པ། ལྷུན་པོ་རྩེ་དགོན། སྤང་མགོ་དགོན་པ། ཉི་སྟེང་དགོན་པ། དར་དཀར་དགོན་པ། རིན་ཆེན་གླིང་དགོན་པ། གོ་བཟོ་དགོན་པ། དཔལ་མགོན་དགོན་པ། ཨ་སེ་རུ་དགོན་སོགས་དགོན་སྡེ་མང་པོས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རིང་ལུགས་གསེར་གྱི་ཡང་ཞུན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མུ་ཡིན། འདི་རི་བོ་དགེ་ལུགས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་བེ་སེར་ནང་དུ་གསལ་བའི་དགོན་སྡེ་རྣམས་བཀོད་ཡོད།  འདི་ནང་དུ་ལོ་རྒྱུས་རང་བཞིན་ལྡན་པའི་དགོན་པ་ལྷག་འདུག་ན་འབྲེལ་གཏུགས་གནང་རོགས།  ཐུགས་རྗེ་ཆེ།